English བོད་ཡིག

 

The Central People’s Government and Tibet local government signed the “Agreement on Measures of Peaceful Liberation of Tibet between The Central People’s Government and Tibet local government” on May 23, 1951. Since then, people of Tibet has survived the imperialist aggression and control, taken the enlightened road of unity, progress and development within the great family of Chinese nation, and entered into new period of Socialist revolution and construction.

During the past 70 years after peaceful liberation, under the leadership of Communist Party of China, Tibet has experienced the most comprehensive and profound social change, with millions of serfs liberated and become masters of the country and society. Based on support from central government and the whole nation, people of Tibet has strived to build poor and less-developed old Tibet into a flourished, developed, clean and happy new one. The great achievements of Tibet during the past 70 years since peaceful liberation has become a splendid gift to the new march of comprehensive construction of modernized Socialist country of the great motherland.

Since the 18th national congress of Communist Party of China, under the strong leadership of CPC central committee with Comrade Xi Jinping at its core, Tibet has achieved great progress in every aspect. A unified, wealthy, civilized, harmonious and beautiful Tibet has been standing at the rooftop of the world with profound pride.

At the time when 70 years have passed after peaceful liberation of Tibet, this exhibition is organized to pay a tribute to the great motherland. We wish Tibet more glory and motherland more flourish.

མ་བྲིས་སྔོ་ལྗང་རི་བོ་ཇི་སྲིད་རིས། །རྒྱུད་མེད་ཆུ་མོའི་ཤངས་སྒྲ་སྐལ་བརྒྱའི་དབྱངས། །༡༩༥༡ལོའི་ཟླ༥པའི་ཚེས༢༣ཉིན།  ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གིསཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ཀྱི་ས་གནས་སྲིད་གཞུང་གཉིས་བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུནལ་མིང་རྟགས་བཀོད།  དེ་ནས་བཟུང་བོད་མི་དམངས་རྣམས་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་དང་འཆིང་ཐག་ལས་ནམ་ཡང་བྲལ་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ཁག་མཐུན་སྒྲིལ་དང་།  འདྲ་མཉམ། མཛའ་བརྩེ།  མཉམ་ལས་བཅས་ཀྱི་ཁྱིམ་ཚང་ཆེན་པོའི་ནང་མཐུན་སྒྲིལ་དང་།  ཡར་ཐོན། འཕེལ་རྒྱས་བཅས་ཀྱི་འོད་སྟོང་འཕྲོ་བའི་ལམ་ཆེན་ཐོག་བསྐྱོད་དེ། མེས་རྒྱལ་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་དུས་སྐབས་གསར་པ་ཞིག་ཏུ་སླེབས་ཡོད།  

ཞི་བས་བཅིངས་འགྲོལ་བཏང་ནས་ལོ༧༠རིང་།  ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་འོག བོད་འདི་ཉིད་ལ་ལོ་རྒྱུས་ཐོག་ཆེས་རྒྱ་ཆེ་བ་དང་ཆེས་གཏིང་ཟབ་པའི་སྤྱི་ཚོགས་འཕོ་འགྱུར་བྱུང་ཞིང་།  ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་ནས་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་བདག་པོར་གྱུར།  ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་རོགས་སྐྱོར་ཤུགས་ཆེན་འོག   བོད་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་ཏེ་དབུལ་ཕོངས་རྗེས་ལུས་ཀྱི་བོད་ལྗོངས་རྙིང་པ་དེ་དཔལ་འབྱོར་དང་རིག་གནས་དར་རྒྱས་དང་། སྤྱི་ཚོགས་ཁྱོན་ཡོངས་ནས་ཡར་ཐོན།  སྐྱེ་ཁམས་ཁོར་ཡུག་བཟང་བ། མི་དམངས་ཀྱི་འཚོ་བ་བདེ་སྐྱིད་བཅས་ཡིན་པའི་བོད་ལྗོངས་གསར་པ་ཞིག་ཏུ་འཛུགས་སྐྲུན་བྱས་ཡོད། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ༧༠འཁོར་བའི་བླ་ན་མེད་པའི་མཛད་རྗེས་འདིས་རླབས་ཆེན་མེས་རྒྱལ་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་གྱི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་སྒོ་འབྱེད་པར་ལག་རྟགས་ཆེན་པོ་ཕུལ།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་དབུ་ཁྲིད་འོག བོད་ཀྱི་བྱ་གཞག་ཁག་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་རླབས་པོ་ཆེ་ཐོབ་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་ལྡན་པ་བཅས་ཀྱི་བོད་ལྗོངས་ཤིག་འཛམ་གླིང་གི་ཡངས་རྩེར་འགྱིང་ངེར་ལངས་བཞིན་ཡོད།

བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ༧༠འཁོར་བའི་དུས་འདིར། འགྲེམས་སྟོན་འདིས་རླབས་ཆེན་མེས་རྒྱལ་ལ་གུས་འདུད་ཞུས་ཏེ་བོད་ལ་སླར་ཡང་འོད་སྟོང་འཕྲོ་བའི་བྱས་རྗེས་འཇོག་རྒྱུ་དང་། མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པ་ཡོང་བའི་སྨོན་འདུན་ཞུ།

Newsགསར་འགྱུར།

  • Unit 1 The Relationship between Tibet and the Motherland before Peaceful Liberation

    Unit 2 A Great Leap Forward in the Social System

  • Unit 3 A Great Leap in Economic and Social Development

    Unit 4 A Great Leap in People’s Lives Poverty Alleviation has Achieved A Decisive Victory

    Unit 5 New Era New Leap

  • Unit 6 Concerns from the Central Government is Fundamental for the Development of Tibet

    Unit 7 Selfless Support to Tibet by People of the Whole Country